佳妮英评网 零基础英语 西宁刚坚教育培训学校成人英语(托福、雅思、新概念)辅导班招生简章

西宁刚坚教育培训学校成人英语(托福、雅思、新概念)辅导班招生简章

༄༅།།ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭས་༢༠༡༨ལོའི་དར་མའི་དབྱིན་ཡིག་འཛིན་གྲྭར་སློབ་མ་བསྡུ་པའི་བརྡ་ཐོ།

རྒྱ་ཆེ་བའི་ཁྱིན་བདག་དང་སློབ་མ་ཚོའི་སྙན་ལམ་དུ།雅思英语网上培训班

ཕ་མས་བུ་ཕྲུག་ལ་གནང་བའི་ལེགས་སྐྱེས་ཆེ་ཡག་ཤོས་ནི་ཤེས་ཡོན་ཡིན་ལ། བུ་ཕྲུག་གིས་ཕ་མ་དང་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་ ཡག་ཤོས་ཀྱང་ཤེས་ཡོན་ཡིན། དུས་རབས་ཀྱི་དགོས་མཁོ་དང་སློབ་མའི་མདུན་ལམ། མ་འོངས་ཕུགས་བསམ། ཕ་མས་བུ་ཕྲུག་ལ་བཅང་བའི་རེ་འདུན་ཁ་སྐོང་བའི་ཆེད་དུ་ངེད༌གངས༌རྒྱན༌སློབ༌གསོ༌གསོ༌སྦྱོང༌སློབ༌གྲྭས༌སློབ༌མ༌དང་བསྟུན་ནས་དབྱིན་ཡིག་གཟབ་ཁྲིད་དང་འཆད་༌ཁྲིད༌ཀྱི༌སློབ༌འགོ༌ཚུགས༌རྒྱུ༌ཡིན།།雅思英语网上培训班

雅思英语网上培训班

ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭའི༢༠༡༨ལོའི་དར་མའི་དབྱིན་ཡིག་གི་ཁྲིད་བྱ་གཙོ་བོ་ནི། ཡ་སུ་དང་ཐའོ་ཧྥུ། གོ་དོན་གསར་པའི་དབྱིན་ཡིག་(雅思英语~托福英语~新概念英语等)བཅས་ཡིན།

གངས་རྒྱན་སློབ་གྲྭའི་སྔོན་ཆད་ཡང་རྒྱ་ཆེ་བའི་མི་དམངས་ཚོའི་དགོས་མཁོ་དང་བསྟུན་ནས་དབྱིན་ཡིག་འཛིན་གྲྭ་ཐེངས་བཅུ་བཞི། དར་མའི་དབྱིན་ཡིག་འཛིན་གྲྭ་ཐེངས་བརྒྱད་བཅས་ཁྱོན་བསྡོམས་སློབ་མ༩༠༠༠ལྷག་ལ་བོད་དབྱིན་གཉིས་ཀྱི་གསོ་སྦྱོང་བྱས་ཟད། ཕུལ་བྱུང་གི་དོ་དམ་དང་སྣ་འཛོམས་ཀྱི་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་སློབ་ཁང་སློབ་ཁྲིད་དང་བསླབ་བྱའི་བྱ་འགུལ་མཉམ་འབྲེལ་གྱིས་གྲོང་ཁྱེར་གྱི་བོད་རིགས་བྱིས་པ་རྣམས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་དོ་སྣང་བྱས་པས་ཁྱིམ་བདག་དང་སློབ་མས་དགའ་བསུ་ཆེན་པོ་ཐོབ་ཡོད། གཞན་ངེད་གངས་རྒྱན་སློབ་གྲྭས་དུས་རྒྱུན་དུ་བོད་སྐད་བོད་ཡིག་གཙོས་བོད་ཀྱི་རིག་གནས་ལ་སྤྲོ་བ་ཡོད་མཁན་རྣམས་དང་རྒྱ་ཡིག་དབྱིན་ཡིག་སོགས་སྐད་རིགས་སྣ་ཚོགས་སྦྱང་འདོད་ཡོད་མཁན། དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མའི་བསླབ་ཚན་ཁག་གི་ཟབ་སྦྱོང་འཛིན་གྲྭ་སྣ་ཚོགས་སྒྲུབ་དང་བསྒྲུབ་བཞིན་ཡོད་པས་རྒྱ་ཆེའི་སྐལ་ལྡན་དོན་གཉེར་མཁན་རྣམས་ཀྱིས་དུས་རྒྱུན་ཏུ་འབྲེལ་གཏུགས་བྱེད་པར་དགའ་བསུ་ཡང་ཡང་ཞུ།

སློབ༌ཁྲིད༌བཀོད༌སྒྲིག༌རེའུ༌མིག༌དང༌དངུལ༌ཡོན༌ཚད༌གཞི།

སྡོད་གནས། ཟི་ལིང་གྲོང་ཁྱེར་ནན་ཀོན་སྲང་ལམ་གྱི་ཨང་༧༤བ།

འབྲེལ་གཏུགས་ཁ་པར། 0971—8218185

西宁刚坚教育培训学校成人英语(托福、雅思、新概念)辅导班招生简章

本文来自网络,不代表佳妮英评网立场,转载请注明出处。

作者: admin